著者:周华 著
出版社:民族出版社
索书号:2018/K281.4/12
馆藏地:三楼地方文献阅览室
《藏族简史》是藏族著名历史学家周华先生在对藏族历史文化进行了多年的学习和钻研后所取得的成果。该书以藏族各大寺院保存的历史典籍为基础,以藏族周边异民族历史文献为辅助材料,从青藏高原远古时期的人类活动开始,讲述了藏民族从原始社会、吐蕃时期、割据时期、萨迦时期、帕竹时期、甘丹颇章时期、直到和平解放后各个历史阶段的演变,详细书写了藏族社会的发展历史与文明进程。
一般藏族历史都是依据藏传佛教发展史或围绕着藏区高僧大德传或寺院的直系史来书写完成的,但是《藏族简史》这本书是通过人类学、社会学、考古学、历史学等理论学科为基础,以敦煌藏文文献和西藏多处的石刻碑文,五省藏区图书馆和博物馆收藏的藏民族珍稀历史文献资料作为基础、并借鉴和翻阅了汉族、羌族、维吾尔族、蒙古族等的历史资料中关于藏族的提及材料,完善和补充了藏民族发展史资料,这也是这本书的优势。
此书不仅可以让我们初步了解藏族历史,而且通过作者对历史的描写方法的深入分析,可以教会我们如何认识历史,如何书写历史。对我们以后学习藏族历史和认识藏族历史进程有进一步的帮助。
བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་རྒྱལ་མོ་འབྲུག་པ་མཆོག་གིས་ལོ་མང་པོ་ཞིག་གི་རིང་ལ་བོད་ཀྱི་ལོ་རྒྱས་སློབ་སྦྱོང་དང་ཞིབ་འཇུག་བགྱིས་པའི་འབྲས་རྟགས་སུ་བོད་ཀྱི་སྐལ་བ་ཡ་ཐོག་གི་གནའ་རབས་ལོ་རྒྱུས་ནས་ཉེ་རབས་བོད་ཞི་བའི་བཅིངས་འགྲོལ་བྱས་ཚུན་གྱི་ལོ་རྒྱུས་ཆ་ཚང་།རང་རེའི་སྔོན་རབས་ལོ་རྒྱུས་ཀྱི་གཞུང་གི་སྤྱི་ཁོག་གཞུང་རྟར་བྱས་ཤིང་།གཞན་རིགས་ལོ་རྒྱུས་ཀྱི་ཟུར་བརྒྱན་ཏེ་གསར་རྩོམ་བྱས་པའི་བོད་རིགས་ཀྱི་ལོ་རྒྱུས་ཞིག་ཡིན་ལ།དེབ་འདིའི་ནང་དོན་གཙོ་བོར་བོད་གནའ་རབས་ཀྱི་ལོ་རྒྱུས་དང་།བོད་ཆེན་པོའི་སྐབས་ཀྱི་ལོ་རྒྱུས།བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས།ས་སྐྱའི་སྐབས་ཀྱི་ལོ་རྒྱུས།ཕག་གྲུ་བའི་སྐབས་ཀྱི་ལོ་རྒྱུས།དགའ་ལྡན་ཕོ་བྲང་སྐབས་ཀྱི་ལོ་རྒྱུས་སོགས་ས་བཅད་དུ་མར་བཀར་ཏེ་བཤད་ཡོད་ལ།ནང་གསེས་སུ་ལེ་ཚན་དུ་མར་བོད་ཀྱི་སྣོད་བཅུད་གནས་ཚུལ་དང་མིའི་འགྲོ་བ་བྱུང་ཚུལ།བོད་གདོད་མའི་དུས་ཀྱི་གནས་ཚུལ།སྔ་རབས་བཙན་པོ་རིམ་བྱུང་གི་ལོ་རྒྱུས།སྐབས་དེའི་རྒྱལ་ཕྲན་སུམ་པ་དང་ཞང་ཞུང་གི་ལོ་རྒྱུས།བོད་ཆེན་པོའི་སྐབས་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་དང་།ཞར་བྱུང་འཇང་དང་འ་ཞ།བོད་སིལ་བུའི་སྐབས་ཀྱི་བསྟན་པ་དར་ནུབ་དང་དབུས་གཙང་དང་མངའ་རིས།མདོ་སྨད་བཅས་སུ་བྱོན་པའི་བཙན་པོའི་གདུང་རྒྱུད་གྱེས་ཚུལ།ཞར་བྱུང་གླིང་རྒྱལ་པོ་དང་མི་ཉག་རྒྱལ་རབས་ཀྱི་སྐོར།
ས་སྐྱ་བའི་སྐབས་སུ་ཧོར་བོད་བར་གྱི་འབྲེལ་བ་དང་ས་པཎ་ཁུ་དཔོན་གྱི་མཛད་རྗེས།ཕག་གྲུ་བའི་སྐབས་སུ་བོད་སྤྱིའི་གནས་ཚུལ་ལས་དབུས་གཙང་དང་སྒོས་སུ་མདོ་སྨད་དང་ཁམས་ཕྱོགས་ཀྱི་གནས་ཚུལ་བཤད་པ་བཏོན་ཡོད་པ་དང་།དེ་མིན་དགའ་ལྡན་པོ་བྲང་གི་སྐབས་སུ་བོད་སོག་མཆོད་ཡོན་བར་གྱི་འགལ་འབྲེལ་སོགས་རེ་རེ་བཞིན་ཞིབ་ཅིང་ཕྲ་བའི་སྒང་ནས་གླེང་ཡོད་ལ།བརྗོད་བྱེད་ཐད་ཚིག་ཉུང་ལ་གོ་བདེ་བ་དང་ནང་དོན་རྒྱས་བསྡུས་འཚམ་ཞིང་།ཡང་སྔོན་གྱི་ལོ་རྒྱས་དེབ་ཐེར་དག་གི་ལད་ཟློས་ཙམ་མ་ཡིན་པར་ལོ་རྒྱས་རིག་པ་དང་ཡིག་ཚགས་རིག་པ།མིའི་རིགས་རིག་པའི་གཞུང་ལུགས་གཞིར་བཟུང་ནས་ཏུང་ཧོང་གཏེར་ཡིག་དང་རྡོ་རིང་གང་མང་ཁུངས་གཏུགས་ཏེ་བརྟག་དཔྱད་བྱས་ཐོག བོད་ཡིག་ལོ་རྒྱས་ཁ་མི་གསལ་བ་དང་བྱུང་བ་སྟོང་བའི་རིགས་རྣམས་ཡིག་རིགས་གཞན་དག་གི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ནས་ཁ་སྐོང་བ་དང་།སྒོས་སུ་སྔ་རབས་ལོ་རྒྱུས་དེབ་ཐེར་མང་པོ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁོ་ན་གཙོར་བཟུང་པའི་སྲོལ་ལས་བརྒལ་ཏེ།བོད་མདོ་དབུས་ཁམས་གསུམ་དང་ཐ་ན་ཉེ་གནས་བོད་དང་འབྲེལ་བ་ཟབ་པའི་མི་རིགས་གཞན་དང་བོད་ས་གནས་ཁག་གི་ལོ་རྒྱུས་ཀྱང་ཁ་གསབ་ངོ་སྤྲོད་བྱས་ཡོད་པ་ནི་དེབ་འདིའི་དགེ་མཚན་ཡིན་ནོ།།
温馨提示:以上文献仅限馆内阅读,不外借。
(地方文献部)